魔鏡歌詞網
魔鏡歌詞網 > 男生歌手 > 謝旦 > 香呀熱羅 > 香呀熱羅

謝旦



歌詞
專輯列表

謝旦

香呀熱羅

ཞང་ཡ་རེ་ལོ།
ཚིག ཐེ་བོའི་དམངས་གཞས།
གདངས། ཐེ་བོའི་དམངས་གཞས།
ལེན་མཁན། ཤེར་བསྟན།
ཞང་ཡེ་་་སྟོད་དབུས་གཙང་བྱིར་དཀར་ཕྲེང་བ་རེད། ཞང་ཡ་རེ་ལོ།
འཕེན་མི་དགོས་དགེ་བ་རང་འགྲུབ་རེད། ཞང་ཡ་རེ་ལོ།
འཕེན་མི་དགོས་དགེ་བ་རང་འགྲུབ་རེད། ཞང་ཡ་རེ་ལོ།
ཞང་ཡེ་་་བར་དགུ་རྒྱ་དུང་དཀར་ཁོག་ཡངས་རེད།ཞང་ཡ་རེ་ལོ།
འབུད་མི་དགོས་དུང་དཀར་རང་གྲགས་རེད། ཞང་ཡ་རེ་ལོ།
འབུད་མི་དགོས་དུང་དཀར་རང་གྲགས་རེད། ཞང་ཡ་རེ་ལོ།
ཞང་ཡེ་་་སྨད་རྒྱ་ནག་དངུལ་དཀར་མེ་ལོང་རེད།ཞང་ཡ་རེ་ལོ།
ཕྱི་མི་དགོས་མེ་ལོང་རང་གསལ་རེད། ཞང་ཡ་རེ་ལོ། ཕྱི་མི་དགོས་མེ་ལོང་རང་གསལ་རེད། ཞང་ཡ་རེ་ལོ།