魔鏡歌詞網
魔鏡歌詞網 > 男生歌手 > 謝旦 > 神奇的果洛 > 神奇的果洛

謝旦



歌詞
專輯列表

謝旦

神奇的果洛

作詞:斗拉加
作曲:才讓多傑

བོད་ཁ་བའི་བླ་རི་བརྟན་པོ།
གནས་འགངས་ཆེན་རྨ་ཆེན་གངས་རི།
ངོ་མཚར་བའི་གཉན་པོ་གཡུ་རྩེ།
དགུང་ཉི་ཟླའི་མཚམས་ན་བཞུགས་ཡོད།
ངོ་མཚར་བའི་གཉན་པོ་གཡུ་རྩེ།
དགུང་ཉི་ཟླའི་མཚམས་ན་བཞུགས་ཡོད།
ངག་ཐ་ལའི་གདངས་དབྱངས་སྙན་ས།
བུ་དཔའ་བོའི་དཔའ་དར་ལེན་ས།
མཁར་མི་འགྱུར་སེང་འབྲུག་སྟག་རྩེ།
ཤར་ཁྲ་མོ་གླིང་གི་རྒྱན་ཡིན།
མཁར་མི་འགྱུར་སེང་འབྲུག་སྟག་རྩེ།
ཤར་ཁྲ་མོ་གླིང་གི་རྒྱན་ཡིན།
རྨ་ཡར་སྟོད་རྩེ་ལྷ་བཅུ་གསུམ།
更多更詳盡歌詞 在 ※ Mojim.com 魔鏡歌詞網
ཕྱོགས་ཡུལ་སྐྱོང་གཡུང་དྲུང་ལྕགས་རྩེ།
འགྲོ་སེམས་ཅན་དང་བ་འདྲེན་ས།
གནས་བྱིན་ཅན་བྱ་རུང་ཁ་ཤོར།
འགྲོ་སེམས་ཅན་དང་བ་འདྲེན་ས།
གནས་བྱིན་ཅན་བྱ་རུང་ཁ་ཤོར།
དགུང་སྔོན་པོ་བང་རིམ་བཅོ་བརྒྱད།
ས་དོག་མོ་ཁ་ཞེང་བཅོ་བརྒྱད།
དཔའ་མགོ་ལོྒའབུམ་པ་ཁག་གསུམ།
རྟ་འདོ་བའི་ཉིན་ལམ་བཅོ་བརྒྱད།
དཔའ་མགོ་ལོག་འབུམ་པ་ཁག་གསུམ།
རྟ་འདོ་བའི་ཉིན་ལམ་བཅོ་བརྒྱད།
དཔའ་མགོ་ལོག་འབུམ་པ་ཁག་གསུམ།
རྟ་འདོ་བའི་ཉིན་ལམ་བཅོ་བརྒྱད།